Tuesday, 5 April 2011

ཆག་སྒོས་མནར་བའི་ཡུལ་ཤུལ་མི་མང་། ལྡན་མ། སྐལ་བཟང་ཐེག་མཆོག འབྲས་བློ་གླིང་།



ཡིད་འོང་འཛིན་མའི་སྤང་ལྗོངས།། འཇིགས་རུང་ཟློག་ཐབས་བྲལ་བའི།།
རང་ཡུལ་སྤུན་ཟླ་རྣམ་པ།། གློ་བུར་སྡུག་གིས་མནར་སོང་།།

རྡུལ་གྱི་ཁང་པ་བརྡིབས་སོང་།། ཕ་མ་སྤུན་མཆེད་འཕྲོག་སོང་།།
རང་ཡུལ་ཁ་ཁར་འཐོར་སོང་།། སེམས་ལ་རྨ་ཁ་བཟོས་སོང་།།

རི་མགོ་ཐལ་རྡུལ་འཕྲོག་ཉིན།། ཡུལ་ཤུལ་མི་མང་དྲན་སོང་།།
གཞུང་ལམ་བེམ་རོས་ཁེངས་དུས།། སྐད་ཅིག་མི་རྟག་དྲན་སོང་།། །།

No comments:

Post a Comment