Sunday, 20 March 2011

རྒྱང་རིང་གི་སྨོན་ལམ། ལྷ་ས་དགེ་འོས་སློབ་གྲྭའི་ལྷུན་དར་སྐལ་བཟང་བསྟན་པ།


           ང་རང་ལྷིང་འཇགས་ཀྱི་རྨི་ལམ་ལ་ཡིད་ཚིམ་དྲགས་པའམ།  བསངས་དུད་ཀློང་གི་ཁ་བའི་འཇིག་རྟེན་འདིར་བློས་འགེལ་དང་དད་དུངས་ཆེ་དྲགས་པས་ཡིན།  གང་ལྟར་ཁ་སའི་བརྩེ་བྲལ་ས་ཡོམ་གྱི་ཇག་པ་ནག་པོས་ངའི་རྒྱང་རིང་སྤུན་ཟླ་ཚོའི་ཚེ་སྲོག་གི་དབུགས་ཁ་བཙན་གྱིས་བཀུམ་སོང་།  ད་དུང་རྣམ་ཤེས་ཁྲི་ཡི་འཕག་འཚག་དང་ཞུ་འབོད་ཀྱི་སྐྱོ་དབྱངས་དྲག་པོ།  ངས་ནི་མཆི་མ་དང་བརྩེ་སྨོན་དམར་པོས་བཞེངས་པའི་མཆོད་མེ་ཞིག  པོ་ཏཱ་ལའི་ཉེ་ཟུར་ནས་སྤར་ཏེ།  ངའི་རྒྱང་རིང་གི་སྤུན་ཟླར།  ཁྱེད་ཚོ་བདེ་བར་སྨོན་ཞེས་ཞུའོ། །

No comments:

Post a Comment