ཐེངས་འདིར་རྐྱེན་ལམ་དུ་སོང་བ་དང་དཀའ་སྡུག་མྱོང་བཞིན་པའི་སྐྱེ་རྒུ་མདོའི་སྤུན་ཟླ་ཚོ་ལ། བོད་
ཕྱི་ནང་གི་རྩོམ་པ་པོ་དང་བསམ་བློ་པ་ཚོས་སེམས་ཚོར་མེ་རུ་སྒྲོན་ནས་ཕུལ་བའི་མྱ་ངན་གྱི་ཚེ་
འབར་རྐང་གཉིས། སྐྱོ་སྡུག་གི་མིག་ཆུ་བཞུར་བའི་ཆུ་བོ་ཆེན་པོ། སྙན་ངག་གསར་རྙིང་གཉིས་ཀྱི་འོད་
སྣང་ལས་གྲུབ་པའི་ཚེ་འབར་རྐང་གཉིས། ཡུལ་ཤུལ་སྤུན་ཟླ་ཚོ་ལ་ཕུལ་བའི་མྱ་ངན་ཞུ་ཡིག ངེད་གྲྭ་
རྐྱང་གཉིས་ཀྱི་ལྷག་བསམ་གྱིས་སྤར་བའི་ཚེ་འབར་རྐང་གཉིས། གདུང་སེམས་མཉམ་བསྐྱེད་ཀྱི་ཚེ་
འབར་དམར་པོ། མི་ཡུལ་ས་མཐའ་ནས་རང་ཡུལ་སྤུན་ཟླའི་བདེ་སྡུག་ཚོར་བའི་བརྩེ་སེམས་ཀྱི་ཚེ་
འབར་རྐང་གཉིས། གཞིས་བྱེས་བོད་མིའི་འབྲེལ་ལམ་གྱི་གསེར་ཟམ་སེར་བོ། ང་ཚོའི་སྐྱོ་གདུང་གི་
མུན་ནག་སེལ་ཆེད་སྤར་བའི་མཐུན་སྒྲིལ་གྱི་ཚེ་འབར་རྐང་གཉིས། མ་འོངས་ཕུགས་འདུན་གྱི་རེ་བ་
གསོན་པོ། ཐེངས་འདིའི་སྐྱེ་རྒུའི་ས་ཡོམ་གོད་ཆག་མཐོང་ན་མིག་ཆུ་ཤམ་ཤམ་བཞུར་བ་དང་། ཐོས་
ན་ཤ་གཟེར་རུས་གཟེར་རྒྱུག་པའི་དོན་རྐྱེན་བྱུང་བ་ཀུན་གྱིས་ཤེས་གསལ་རེད།
འོན་ཀྱང་གདུང་སེམས་མཉམ་སྐྱེད་ཆེད་ཕྱོགས་མཐའ་ནས་བོད་རིགས་སྤུན་ཟླ་ཕེབས་པ་མ་ཟད། ཤི་
འོན་ཀྱང་གདུང་སེམས་མཉམ་སྐྱེད་ཆེད་ཕྱོགས་མཐའ་ནས་བོད་རིགས་སྤུན་ཟླ་ཕེབས་པ་མ་ཟད། ཤི་
བོའི་རོ་བདག་དང་གསོན་པོའི་སྐྱོ་རོགས། སྐྱིད་སྡུག་མཉམ་ཁུར་བྱས་ཏེ་བཙན་པོ་བོད་ཀྱི་ལ་རྒྱ་ཤོར་
མ་བཅུགས་པར། འཛམ་གླིང་གི་མཐོང་སར་ངོ་གནོངས་མི་དགོས་པའི་ལས་དོན་བསྒྲུབས་པ་རེད།
གསར་འགྱུར་གྱི་བརྒྱུད་ལམ་ཁག་ཏུ་ཤི་བོའི་གྲངས་འབོར་སྐར་ཆ་རེ་རེར་འཕར་བཞིན་འདུག་ལ། ད་
དུང་མྱུར་སྐྱོབ་ཀྱི་གོམ་འགྲོས་ཧ་ཅང་དལ་བས་ས་འོག་ཏུ་འགག་བཞིན་པའི་ཚེ་སྲོག་གི་གྲངས་ཀ་སྨྲ་
བརྗོད་ལས་འདས་ཤིང་། སྐྱོ་གདུང་དང་མནར་གཅོད། ལྟོགས་སྐོམ་དང་ལྷགས་རླུང་གིས་གཟིར་བའི་
ས་སྟེང་གི་ཉམ་ཐག་ཚོ་མཐོང་སྐབས་ཡི་ག་འགག་སྟེ། སྐྱོ་ལྷང་ལྷང་གི་སེམས་པ་ས་ལ་ཟགས་ཏེ་ཅི་བྱ་
གཏོལ་མེད་དུ་གྱུར། སྙན་སྙན་དང་མཛེས་མཛེས་སོགས་འཇིག་རྟེན་གྱི་བྱ་བཞག་ཡོད་ཚད་བྱ་སྤུ་
བཞིན་རླུང་གིས་ཁུར།
འོན་ཀྱང་རང་ནུས་ཀྱིས་ལྕོགས་ཚོད་དང་བསྟུན་ནས་《མགོ་བོ་བཏུད་དེ་མྱ་ངན་ཞུ》ཞེས་པའི་
འོན་ཀྱང་རང་ནུས་ཀྱིས་ལྕོགས་ཚོད་དང་བསྟུན་ནས་《མགོ་བོ་བཏུད་དེ་མྱ་ངན་ཞུ》ཞེས་པའི་
རྗེས་དྲན་གྱི་དེབ་ཅིག་འདོན་སྤེལ་བྱ་རྒྱུ་བྱས་པ་ཡིན། རི་ཆུ་སྟོང་ཕྲག་གིས་བར་ཐག་ཆོད་པའི་ཕྲན་
ལ་མཚོན་ན། སེམས་སྡུག་ནས་མིག་ཆུ་བཞུར་རྒྱུ་དང་ཡིད་མུག་ནས་འདང་རེ་རྒྱག་རྒྱུ་ལས་མི་འདུག
འོན་ཀྱང་མིག་ཆུ་གཙང་བོར་འདྲེས་ཀྱང་ཁྱེད་ ཅག་གི་མྱ་ངན་སེལ་མི་ཐུབ་ལ། སྐྱོ་གདུང་རི་བོར་
བརྩེགས་ཀྱང་ང་ཡི་སེམས་པ་འང་ཅི་ལྟར་རྟོགས། དེས་ན་འདས་གྲོངས་སུ་ཕྱིན་པ་རྣམས་ལ་རྗེས་
དྲན་དང་། མནར་གཅོད་ཀྱི་སྡུག་བསྔལ་མྱོང་བཞིན་པའི་ཤུལ་ལྷག་ཚོར་སེམས་གསོའི་ཕྱིར་ཏུ། བོད་
ཕྱི་ནང་གི་རྩོམ་པ་པོ་དང་བསམ་བློ་པ་ཚོའི་སེམས་ཚོར་དམར་རྗེན་མ་དག་དྲག་འདེམས་ཀྱི་རྩོམ་
དེབ་ཅིག་བཏོན་ན་དགེ་ཕན་དང་། ལོ་རྒྱུས་ཀྱི་ཡིག་ཚང་ནས་ནམ་ཡང་མི་ཡལ་བ་དེ་རེད་སྙམ། དེའི་
ཕྱིར་དཔལ་འབྱོར་གྱིས་གནོད་ཤུགས་ལ་མགོ་མ་བསྒུར་བར་ངེད་གྲོགས་པོ་ཟུང་གིས་བློ་ཐག་གཙང་
བཅད་ཀྱིས་ལས་ཀ་འདི་ལ་འབད་པ་ཡིན། ཡང་རྩོམ་ཡོང་སྟངས་ཆ་ནས་ཀྱང་རྩོམ་པ་པོ་ཚོར་མ་སྐུལ་
དང་བླངས་ཀྱིས་ཕྱག་རྩོམ་ཕུལ་བ་ལས། ནམ་རྒྱུན་ལྟར་བླ་མ་དང་དཔོན་པོ་རེའི་ཕྱིར་ཏུ་རྗེས་དྲན་གྱི་
དེབ་འདོན་སྐབས་རྩོམ་པ་པོ་གྲགས་ཅན་ཚོ་ལ་ཞུ་བ་འཐེན་དགོས་པ་དང་། གསལ་བསྒྲགས་བཀྲམ་
པ་སོགས་ཀྱི་ངལ་བ་བྱས་མེད།
སྤྱིར་ན་ད་ཐེངས་བོད་ཕྱི་ནང་གི་རྩོམ་པ་པོ་ཚོས་མྱ་ངན་ཞུ་ཆེད་བྲིས་པའི་རྩོམ་ཡིག་གི་ཁ་གྲངས་ཧ་
སྤྱིར་ན་ད་ཐེངས་བོད་ཕྱི་ནང་གི་རྩོམ་པ་པོ་ཚོས་མྱ་ངན་ཞུ་ཆེད་བྲིས་པའི་རྩོམ་ཡིག་གི་ཁ་གྲངས་ཧ་
ཅང་མང་བས། ཡོད་ཚད་དེབ་ནང་དུ་འགོད་ཐབས་མ་བྱུང་བ་ལ་ཕྲན་གྱིས་འགྱོད་བཤགས་ཞུ་འདོད།
རང་ཉིད་ལ་མཚོན་ན་རྩོམ་རིག་ལ་དགའ་ཞིང་རྩོམ་པ་པོ་ཚོ་ལ་དུངས་པ་ཧ་ཅང་ཟབ། ཡིན་ན་ཡང་།
ཁྱེད་ཅག་གིས་ཐུགས་བསམ་རེ་བཞེས་དང་ཕྲན་གྲྭ་རྐྱང་ཞིག་གིས་ལག་པ་བསྲིང་འདོད་ཀྱི་ཕུ་རུང་
ཐུང་བ་ཧ་གོ་ངེས་རེད། རྩོམ་འདེམས་སྟངས་ཐད་ནས་ཀྱང་རྩོམ་ཡིག་རྣམས་ལག་ཏུ་འབྱོར་མ་ཐག་
ལམ་སེང་དེབ་ནང་འགོད་རྐྱང་བྱས་མེད་པར། བོད་ཕྱི་ནང་གི་ཡོངས་གྲགས་ཀྱི་རྩོམ་པ་པོ་གྲགས་
ལམ་སེང་དེབ་ནང་འགོད་རྐྱང་བྱས་མེད་པར། བོད་ཕྱི་ནང་གི་ཡོངས་གྲགས་ཀྱི་རྩོམ་པ་པོ་གྲགས་
ཅན་འགའ་རེ་དམིགས་བསལ་གྱིས་ནང་དུ་བཀོད་པ་ལས། རྩོམ་ཡིག་བྱིངས་ལ་རྟོག་འཇུག་དང་
དཔྱད་བསྡུར་གྱིས་ལམ་ནས་ཚིག་སྦྱོར་ཙམ་གཙོ་བོ་བཟུང་མེད་པར། དངོས་ཡོད་ཀྱི་གནས་སྟངས་
གསལ་འབྲི་བྱས་ནས་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་སེམས་འགུལ་ཐེབས་ངེས་རྣམས་ཆེད་
འགོད་བྱས་ཡོད། དུས་དེབ་དང་ཚགས་པར་གཞན་དག་སྟེང་བཀོད་ཚར་བ་རྣམས་བསྐྱར་འགོད་
བྱེད་པ་དགོས་པ་མ་མཐོང་བས་ཕྱིར་འཐེན་བྱས་ཡོད།
དགོངས་དག་ཞུ་དགོས་པ་ཞིག་ལ། ཐེངས་འདིར་དཔྱད་རྩོམ་དང་འབོལ་རྩོམ་ལེགས་པོ་མང་བོ་
དགོངས་དག་ཞུ་དགོས་པ་ཞིག་ལ། ཐེངས་འདིར་དཔྱད་རྩོམ་དང་འབོལ་རྩོམ་ལེགས་པོ་མང་བོ་
འདུག་ཀྱང་དེབ་ནང་འགོད་ཐབས་མ་བྱུང་བ་ལ་འགྱོད་པ་དང་བཅས། ཡུལ་གྱར་བའི་འཚོ་བའི་ཁ་
སྟབས་དང་དཔལ་འབྱོར་ཟེར་བའི་གཤེད་མ་འདི་ལ་མཆི་ཞགས་ཤིག་འཕེན་རྒྱུ་ལས་ཐབས་གཞན་
མ་རྙེད། ངའི་རྩོམ་ཉོག་བརྒྱ་ཆ་ནང་སླེབས་ཡོད་ཀྱང་གཞན་གྱི་རྩོམ་ལེགས་པོ་གཅིག་སླེབས་ན་བཟང་
བར་སྙམ་ནས་ཕྱིར་འཐེན་པ་ཡིན། མཇུག་མཐར། ཁ་གསལ་བོར་བྱས་ནས་བཤད་འདོད་པ་ཞིག་ལ་
ངེད་གཉིས་ཀྱི་ལས་ཀ་འདི་གཞུང་དང་ཚོགས་པ་ཞིག་གི་མིང་ཐོག་ནས་སྒྲུབ་ན་གཞིས་ལུས་སྤུན་ཟླ་
དག་གིས་སེམས་གོ་ཐུབ་ངེས་ལ། བོད་གཞིས་བྱེས་ཀྱི་མཐུན་སྒྲིལ་ཇེ་བརྟན་དུ་འགྲོ་བའི་རྒྱུ་རྐྱེན་
ལེགས་ཤོས་ཤིག་ཡིན་མོད། འོན་ཀྱང་གཞུང་དང་སྒེར་ཚོགས་ཚོས་གོ་སྐབས་ཟེར་བ་དེའི་ངོ་བོ་རྟོགས་
མི་འདུག་ཅེས་ཨ་རིག་དགེ་མཐོང་དུ་འབོད་པས ་༢༠༡༠/༠༤/༢༨་ཉིན་བྲིས་པའོ།།
No comments:
Post a Comment