Thursday 28 April 2011

ཡུལ་ཤུལ་བ། ངས་ཁྱོད་ཚོ་རྒྱུན་དུ་དྲན། ལི་ཐང་། ངག་དབང་དབྱིག་གཉེན། འབྲས་བློ་གླིང་།




འབྱུང་ གཞི་ འཁྲུག་ པའི་ གོད་ ཆག་ གཅིག་ གིས་ སྤུན་ ཟླའི་ ཚེ་ སྲོག་ བཅོམ་ ན་ ཡང་ །།

དུས་ འགྱུར་ ངར་ མའི་ འཕགས་ འཚག་ གཅིག་ གིས་ རང་ ཡུལ་ མི་ ལ་ ཤོར་ ན་ ཡང་ །།

འགྱུར་ སྟངས་ འདི་ དག་ མི་ རྟག་ སྒྱུ་ མའི་ ངང་ ཚུལ་ གཅིག་ གི་ རྣམ་ པ་ ལས།།

བདེན་ པའི་ ངོ་ བོ་ གདོད་ ནས་ གྲུབ་ པའི་ ཤེས་ བྱའི་ རྣམ་ པ་ ཡོད་ མ་ ཡིན།།



དེ་ རིང་ བདག་ གི་ ཡ་ ཁོག་ ཀུན་ ལ་ སྡུག་ གི་ སྣོན་ པས་ བརྩེགས་ ནས་ འདུག།

དེ་ རིང་ བདག་ གི་ རྣམ་ ཤེས་ འདི་ ཡང་ གྲགས་ འགུལ་ མེད་ པར་ འཁུམ་ ནས་ འདུག།

མྱི་ ཚེ་ ནང་ ན་ མྱ་ ངན་ འདི་ འདྲ་ དེ་ རིང་ མ་ གཏོགས་ སླེབས་ མ་ ཐལ།།

མྱ་ ངན་ བྱེད་ སའི་ ཉི་ མ་ ནག་ པོ་ དེ་ རིང་ མ་ གཏོགས་ ཤར་ མ་ ཐལ།།




སྔོན་ མའི་ ལོ་ ཡི་ གོད་ ཆག་ ནག་ པོ་ འདྲེན་ བྱེད་ མདུན་ དུ་ ཤར་ ཐེངས་ རེ།།

མིག་ ཆུ་ ནག་ པོ་ གདོང་ རིས་ ངོས་ ནས་ ལྷུང་ ལྷུང་ རྫ་ ཆུ་ བཞིན་ དུ་ འབབ།།

མིག་ ཆུ་ ནག་ པོ་ བཞུར་ རྒྱུན་ ཁྲོད་ ནས་ སྤུན་ ཟླའི་ རྣམ་ ཤེས་ སྟོང་ ཕྲག་ མཐོང་ །།

རྣམ་ ཤེས་ འདི་ དག་ སྨོན་ ལམ་ སྟོང་ གིས་ དག་ ཞིང་ ལྷ་ ཡི་ ཡུལ་ དུ་ འདྲེན།།



དེ་ རིང་ བདག་ གིས་ ཁྱེད་ ཚོ་ དྲན་ བཞིན་ སྨྲ་ སྒོས་ མ་ ནི་ དལ་ གྱིས་ བགྲང་ །།

དེ་ རིང་ བདག་ གིས་ ཁྱེད་ ཚོ་ དྲན་ བཞིན་ སེམས་ ཀྱིས་ མྱ་ ངན་ རོལ་ དབྱངས་ དཀྲོལ།།

དེ་ རིང་ བདག་ གིས་ ཁྱེད་ ཚོའི་ ཤུལ་ དུ་ མཆོད་ མེ་ སྟོང་ གིས་ ཐར་ ལམ་ བསུ།།

མཆོད་ མེ་ དམར་ པོའི་ འོད་ ཐིགས་ སྟོང་ གིས་ ཐར་ པའི་ ལམ་ སྣེ་ གསལ་ བར་ སྨོན།།



ཁྱེད་ ཚོ་ དྲན་ པའི་ ན་ ཟུག་ རེ་ རེ་ བདག་ གི་ སེམས་ སུ་ གསུབ་ ཐབས་ བྲལ།།

ཆག་ སྒོ་ དམར་ པོའི་ བརྙན་ པར་ འདི་ དག་ བདག་ གི་ མིག་ ནས་ ཡལ་ ཐབས་ བྲལ།།

ནམ་ ཡང་ ཁྱེད་ ཚོ་ ཆག་ སྒོས་ བཅོམ་ པའི་ ཉི་ མ་ ནག་ པོའི་ དུས་ ཚིཊ་ འདི།།
ངེད་ ཅག་ བོད་ མི་ ས་ ཡ་ དྲུག་ གིས་ བརྗེད་ པའི་ དུས་ ཚིགས་ ཡོད་ མ་ ཡིན།།


༢༠༡༡་ ་ ༤་ ་ ་ ༡༤ཉིན་ རང་ ཤག་ ཏུ་ མྱ་ ངན་ གྱི་ ཚབ་ ཏུ་ བྲིས།།

No comments:

Post a Comment