༡༽
སེམས་ཀྱི་མཆོད་མེ་རྐོང་གཅིག།
དད་པའི་སྙིང་ནས་ཕུལ་ཡོད།།
ཐར་པ་དམ་པའི་ལམ་ཞིག།
རྙེད་པའི་སྨོན་ལམ་བཏབ་ཡོད།།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
ངའི་མི་རིགས། ངའི་ཕ་ཡུལ། སེམས་པ་འདི་ཁྱོད་ལ་འབྲེལ་ཡོད། ཤ་ཁྲག་འདི་ཁྱོད་ལ་འབྲེལ་ཡོད།
༢༽
སྐྱིད་སྡུག་ལས་ཀྱི་ཁུར་པོ།།
མི་འདོད་ཐོག་ཏུ་བབས་སོང་།།
བསླུ་མེད་མཆོག་གསུམ་དམ་པ།།
ཐུགས་རྗེ་བྱིན་རློབས་མ་ཆུང་།།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
ངའི་མི་རིགས། ངའི་ཕ་ཡུལ། སྐྱོ་གར་འདི་སེམས་ཀྱི་མྱོང་ཡོད།། སྨོན་ལམ་འདི་སེམས་ཀྱིས་བཏབ་ཡོད།།
ངའི་མི་རིགས། ངའི་ཕ་ཡུལ། སྐྱོ་གར་འདི་སེམས་ཀྱི་མྱོང་ཡོད།། སྨོན་ལམ་འདི་སེམས་ཀྱིས་བཏབ་ཡོད།།
ཚོད་ལྟ་གྱིས།
ReplyDeleteའོ་།་་་་དེ་ཡིན་ན་ཡག་པོ་འདུག་ཡང་བསྐྱར་ཚོད་ལྟ་ཞིག་བྱས་ན་ཏན་ཏན་ཞིག་འོང་རྒྱུ་རེད།
ReplyDeleteགློག་བརྙན་དེ་གནས་སྐབས་ཆ་རྐྱེན་ཅུང་ཙམ་མ་ཚང་ནས་བཞག་ཐུབ་མ་སོང་། རྗེས་སུ་འཇོག་ཐུབ་པ་བྱེད་རྒྱུ་ཡིན།
ReplyDelete