དེ་རིང་ཞོགས་པར་བོད་ལ་ཁ་པར་བཏང་ནས་གོ་ཚོད་ཡིན་ན། ཡུལ་ཤུལ་ས་ཁུལ་ལ་སྨན་བཅོས་ཀྱིས་འདང་གི་མེད་པ་དང་། ལྷག་པར་གྲོང་གསེབ་ལ་སྐྱོབ་གསོ་འབྱོར་མ་ཐུབ་པར་ལྷག་བསྡད་འདུག་པས། མང་ཚོགས་མང་བོ་ལྟོགས་སྐོམ་གྱིས་འཆི་བཞིན་པ་གྲངས་མེད་རེད། ཕ་ཡུལ་ཞིན་ཧེ་ནས་ཡིན་པའི་སྡེ་མི་ཞིག་ས་གནས་དེར་འབྱོར་ནས་བཤད་པ་ལྟར་ན། ཕྱོགས་སོ་སོའི་རོགས་སྐྱོར་མང་བོ་རྫོང་དཀྱིལ་ལ་འབྱོར་བ་ལས་གྲོང་འདབས་ཀྱི་མང་ཚོགས་དཀྱུས་མའི་ལག་ཏུ་རག་གི་ཐུབ་ཀྱི་མེད་པའི་དཀའ་ངལ་འདུག
ཁོ་རང་ས་གནས་དེར་འབྱོར་སྟེ་གྲང་ངར་དང་ལྟོགས་སྐོམ་གྱིས་འཆི་བཞིན་པ་མཐོང་བས་བློས་མི་བཟོད་པ་ཞིག་རེད། ངས་རང་གི་གྱོན་པ་དག་ཕུད་དེ་ཁོང་ཚོའི་ཐོག་བསྐོན་པ་དང་། ད་ལྟ་གྲོང་འདབས་འདིའི་རྨས་མ་སྐོར་ཞིག་ལ་ཆུ་བསྐྱེལ་ནས་གནས་སྐབས་རིང་ཁོང་ཚོའི་དཀྲེས་སྐོམ་སེལ་ཐུབ་པ་བྱས་བསྡད་ཡོད་ཟེར། ཞིན་ཧེ་རྫོང་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གྲྭ་ཚང་གི་གྲྭ་བ་རེ་རེས་རྒྱ་སྒོར་བརྒྱ་རེ་ཞལ་འདེབས་ཕུལ་བ་དང་། ཡུལ་ཤུལ་གནོད་ཐེབས་ས་ཁུལ་དུ་རོགས་རམ་ཆེད་གང་མགྱོགས་རླང་འཁོར་གསུམ་ནས་བཞི་ལམ་ལ་འབུད་བཞིན་སྒང་རེད།
དེ་བཞིན་ཧོལ་ཁ་བདེ་སྐྱིད་སྡེ་བ་དང་སྡེ་མི་ལྷག་བསམ་ཅན་སྐོར་ཞིག་གིས་ཀྱང་། སྐོམ་ཆུ་དང་སྟབས་བདེ་ཐུགས་པ། ཀོ་རེ་སོགས་མངག་ཉོ་བྱས་ཏེ། གང་མགྱོགས་གནོད་ཐེབས་ས་ཁུལ་དུ་རླངས་འཁོར་ཁ་ཤས་འགྲོ་རྒྱུའི་ཐག་གཅོད་གནང་འདུག དེ་ག་ནང་བཞིན་བོད་མི་འདུས་སྡོད་ཀྱི་ས་གནས་སོ་སོ་ན་ད་ཐེངས་ཀྱི་ང་ཚོའི་གོད་ཆག་འདིར་གདོང་ལེན་བྱེད་ཕྱོགས་ལ་རྣོ་བསམ་གཏོང་བའི་སྒང་པས། ང་ཚོ་ནམ་ཡང་སྐྱིད་སྡུག་གང་དུ་འཕྲད་ཀྱང་སེམས་པ་གཅིག་དང་རྡོག་སྒྲ་གཅིག་ཡིན། ང་ཚོས་ང་ཚོ་སྐྱོབ་ཐབས་ལ་འབད་བཞིན་པའི་དམངས་ཀྱི་སེམས་ཤུགས་འདིའི་ཐག་སྣེ་ནམ་ཡང་གློད་མི་རུང་འབོད་སྐུལ་ཞུ་བཞིན་ཡོད།
༢༠༡༠ ༤ ༡༦ཉིན།
No comments:
Post a Comment