༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་སོ་གཉིས་པ་བཀའ་དྲིན་བསྐྱང་བའི་བཀྲ་ཤིས་པའི་དུས་ཚིགས་དང་བསྟུན་ནས་འབྲི་ཟླ་ཟལ་མོ་སྒང་གི་དྲ་ཚིགས་བལྟ་ཀློག་གནང་མཁན་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
མདོ་ཁམས་སྒ་སྐྱེ་རྒུ་མདོའི་༤། ༡༤། ས་འགུལ་གོད་ཆག་ཆེན་མོའི་མྱ་ངན་རྗེས་དྲན་གྱི་དྲ་ཐག་རིང་མོ། ༢༠༡༡་ ༤་ ༡༤་ ཉིན།
Sunday, 25 December 2011
Thursday, 6 October 2011
ཤི་བོའི་སྐྱེ་སྒོ། སྟོན་པའི་གསེར་ཐང་།
༸གོང་ས་མཆོག་གིས་མཚན་རྟགས་དང་ཐུགས་སྨོན་མཚམས་སྦྱོར་ཅན་གྱི་གསེར་ཐང་།
ལྷ་བྲིས་པ། རླངས་རུ་ཀརྨ་རྡོ་རྗེ། སུད་སི།
ཕྱི་ལོ་༢༠༡༠ ལོར་ཟླ་བཞི་པའི་ཚེས་༡༤ ཉིན། མདོ་ཁམས་སྐྱེ་རྒུ་མདོ་རུ་ས་འགུལ་གྱི་གོད་ཆག་གནོད་འཚེ་ཕོག་ནས་ཡུལ་མི་སྟོང་ཕྲག་དུ་མའི་ཚེ་སྲོག་ཤོར་ཞིང་མི་རྒྱུ་གཉིས་ལ་གསབ་ཏུ་མེད་པའི་རྐྱེན་ངན་བྱུང་བའི་སྐབས་སུ་འཛམ་གླིང་མི་མང་སྤྱི་དང་། ལྷག་པར་བོད་གངས་ཅན་པ་སྤྱི་ཡི་གོད་ཆག་ཅིག་ཏུ་བརྩིས་ནས་མདོ་དབུས་ཁམས་གསུམ་གྱི་རྩམ་གཟན་པ་ཡོངས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་དཀའ་ངལ་ཐོད་དུ་བླངས་ནས་ཐལ་རྡུལ་གྱི་འོག་ཏུ་མནན་པའི་སྐྱེ་རྒུ་མདོ་པའི་མི་མང་རྣམས་མི་རྒྱུ་ཟོག་ནས་དངོས་ཤུགས་རྒྱུད་གསུམ་གྱིས་དཀའ་སྡུག་གི་གཡུལ་ངོ་ལས་བརྒྱལ་བའི་རེ་བ་ཞིག་གི་མགོ་བསླངས་ཡོད་པ་རེད། ད་དུང་ཡུལ་དེར་ལྟེ་ཁྲག་ཟོ་ནས་ས་མཐའ་རུ་འཚོ་བ་སྐྱེལ་བའི་ཡུལ་ཤུལ་པ་རྣམས་ནི་ཕ་མ་དང་། གཉེན་ཉེ། བརྩེ་གྲོགས་སོགས་གང་རུང་ཞིག་ས་བདག་ཁྲོས་པའི་ཆག་སྒོ་དེས་བཙན་གྱིས་མ་འཕྲོག་པ་སུ་ཡང་མེད་པའི་ཚོད་དུ་སླེབས། དེ་ནས་ཡུལ་ཤུལ་བའི་སྐྱེ་རྒུ་མདོ་རུ་སྐྱེས་པའི་ལྷ་བྲིས་པ་རླངས་རུ་ཀརྨ་རྡོ་རྗེ་ནས་ཀྱང་རང་གི་ལག་ཤེས་ཀྱི་སྒྱུ་རྩལ་ལ་བརྟེན་ནས་ཡུལ་ཤུལ་གྱི་ཤི་བོ་ལ་སྐྱེལ་མ་དང་། གསོན་པོ་རྣམས་ལ་སེམས་གསོའི་དོད་དུ་ སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་ནས་ལྷག་པའི་ལྷ་འདི་དག་བཀའ་བཀོད་མཛད་པ་ལྟར་ལྷ་བྲིས་པ་འདི་ཉིད་ཀྱིས་ཟླ་བ་ཁ་ཤས་ཀྱི་རིང་དུ་དཀར་སྐྱོང་སྨྱུང་གནས་དང་། གཙང་སྦྲ་དང་ལྡན་ཞིང་དགེ་སེམས་ཁྱད་པར་ཅན་གྱི་སྒོ་ནས་སོར་མོའི་འདུ་བྱེད་ཀྱི་སྒྱུ་རྩལ་ལས་བསྐྲུན་པ་པའི་སྟོན་པ་གཙོ་ལྷ་མཛད་པའི་ཞལ་ཐང་འདི་ཉིད་ཆེད་དུ་རིན་མེད་ཀྱི་སྒོ་ནས་སྤུས་བྲིས་བྱས་འདུག དམིགས་ཡུལ་གཅིག་དང་། ཐབས་ལམ་གཉིས། རག་ཤུལ་དཔལ་ལྡན།
བདེ་སྐྱིད་ནི་སུས་ཀྱང་འདོད་པས་སྤྱི་ཚོགས་ཀྱི་བདེ་སྐྱིད་ནི་དམིགས་ཡུལ་གྱི་གཙོ་བོ་ཡིན་ལ། འཆམ་མཐུན་དང་། འཕེལ་རྒྱས་ནི་དེའི་ཐབས་ལམ་ཡིན། དེའི་ཕྱིར་ང་ཚོ་ལ་འཆམ་མཐུན་དང་འཕེལ་རྒྱས་ནི་མེད་ཐབས་མེད་པ་རེད།
ནང་བསམ་བློའི་འཆམ་མཐུན།
འཆམ་མཐུན་ཟེར་བ་དེ་ཕན་ཚུན་ཡིད་ཆེས་གཙང་མ་ཞིག་ལ་བརྟེན་ནས་ཡོང་གི་ཡོད་པས་ང་ཚོའི་བར་ཕན་ཚུན་ཡིད་ཆེས་གཙང་མ་ཞིག་མེད་ན་འཆམ་མཐུན་རྩ་བ་ནས་ཡོང་ཐབས་མེད། དེ་ལ་ང་ཚོའི་བར་ཕན་ཚུན་ཡིད་ཆེས་གཙང་མ་ཞིག་ཇི་ལྟར་སླེབས་ཐུབ་བམ་ཞེས་པའི་དྲི་འདིི་ལ་ལན་གནལ་མ་ཞིག་དགོས་པ་ཡིན། དེ་ནི་ང་ཚོ་ཚང་མས་དྲང་བདེན་བསམ་སྤྱོད་ཀྱི་བསླབ་བྱ་དེ་ཚོགས་འདུ་དང་མཛད་སྒོ་ག་གེ་མོ་ཞིག་གི་གཏམ་བཤད་ཀྱི་རྒྱུ་ཆ་ཙམ་མ་ཡིན་པར་ང་ཚོ་རང་རང་གི་ཉིན་རེའི་འཚོ་བའི་ནང་གི་རྒྱུ་ཆ་གཙོ་བོ་ཞིག་ལ་ངོས་འཛིན་བྱས་ནས་ལག་ལེན་དངོས་སུ་བསྟར་བའི་ཉིན་མོ་དེར་ང་ཚོ་ཕན་ཚུན་ཡིད་མི་ཆེས་པའི་རང་དབང་མེད་ལ། ང་ཚོ་ཕན་ཚུན་ཡིད་ཆེས་གཙང་མ་ཡོང་བ་དེ་སུས་ཀྱང་བཀག་ཐུབ་ཀྱི་མ་རེད་ཞེས་པ་འདི་ཡིན།
དྲང་བདེན་གྱི་སྐྱེས་བུ་དེ་ལ་སྐྱེ་བོ་གཞན་གྱིས་དྲང་བདེན་གྱི་བསམ་སྤྱོད་དེ་རྒྱུ་མཚན་དུ་བཟུང་ནས་ཡིད་ཆེས་བྱེད་ཀྱི་ཡོད།
དྲང་བདེན་གྱི་བསླབ་པ་ཉམས་སུ་ལེན་ཞིང་དྲང་བདེན་གྱི་སློབ་གསོ་གནང་བའི་སྐྱེས་བུ་དམ་པ་དེ་ནི་ང་ཚོ་ཡར་རྒྱས་དང་བདེ་སྐྱིད་ཀྱི་ལམ་དུ་ཁྲིད་པའི་དད་དཔོན་འཁྲུལ་མེད་ཡིན་ལ། དྲང་བདེན་གྱི་གཞུང་ལམ་དེ་ནི་འཇིག་རྟེན་འདིའི་སྟེང་དུ་ང་ཚོ་བདེ་ནས་བདེ་བར་འགྲོ་བའི་ལམ་པོ་ཆེ་གཅིག་རང་ཡོད་པ་དེ་ཡང་ཡིན། དེའི་ཕྱིར་བདེན་པ་ནི་ང་ཚོས་ལུས་དང་ལོངས་སྤྱྱོད་དང་སྲོག་གི་ཕྱིར་ཡང་གཏོང་བར་མི་འོས་པའི་ཁྱད་ནོར་དམ་པ་དེ་ཡིན་པར་ཤེས་དགོས་པ་ཡིན། དྲང་བདེན་གྱི་བསམ་བློ་དེ་ནི་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་འབྱུང་བའི་རྒྱུ་འབྲས་ཀྱི་གནས་ལུགས་ལ་ངེས་ཤེས་དང་ཡིད་ཆེས་བརྟན་པོ་ལས་འོང་གི་ཡོད།
མཐུན་རྒྱུ་ལས་མཐུན་འབྲས་འབྱུང་བ་མྱོང་བས་གྲུབ་པ།
སྤྱིར་བཏང་ཕར་ལ་ཚིག་རྩུབ་བརྗོད་པ་ཡིན་ན་ཚུར་ལ་ཡང་ཐད་ཀར་ཚིག་རྩུབ་བརྗོད་རྒྱུ་དང་མ་དགའ་བའི་རྣམ་འགྱུར་ཡང་སྟོན་ངེས་རེད།
མ་ཟད་ཁོང་གཉིས་སེམས་ཐག་ཇེ་རིང་འགྲོ་རྒྱུ་རེད་ལ་ཡིད་ཆེས་ཡང་རྩ་བ་ནས་བྱེད་འདོད་ཡོང་གི་མ་རེད། ཚིག་རྩུབ་ཡང་ཡང་སྨྲས་པ་ཡིན་ན་རྗེས་སུ་ཉིན་རེའི་འཚོ་བའི་ནང་ཚིག་རྩུབ་སྨྲ་རྒྱུ་ཇེ་མང་ཇེ་མང་འགྲོ་བ་དེ་མྱོང་ཐོག་ནས་ཤེས་ནུས། དེ་ལྟར་ན་ཚིག་རྩུབ་ཀྱི་ལན་ལ་ཚིག་རྩུབ་དང་དེའི་འབྲས་བུ་ལ་ཡང་ཚིག་རྩུབ་དང་མ་སྐྱིད་པ་ཡོང་གི་ཡོད་པ་དེ་མྱོང་བས་གྲུབ་པ་རེད། དེ་བཞིན་གཡོ་སྒྱུ་་དང་འཚེ་སེམས་སོགས་ལ་ཡངགཅིག་མཚུངས་ཡིན།
ཕར་ལ་དྲང་བདེན་བྱས་པ་ཡིན་ན་ཚུར་ལ་ཡང་དྲང་བདེན་བྱེད་ངེས་རེད་ལ་ད་དུང་དགའ་བའི་རྣམ་འགྱུར་ཡང་ཕྱི་རུ་མངོན་ཡོང་། མ་ཟད་ཁོང་རྣམ་གཉིས་སེམས་ཐག་ཡང་ཇེ་ཉེ་འགྲོ་རྒྱུ་རེད་ལ་ཕན་ཚུན་ཡིད་མི་ཆེས་པའི་རང་དབང་ཡང་མེད་པ་ཆགས་རྒྱུ་རེད།
ཉིན་རེའི་འཚོ་བའི་ནང་དྲང་བདེན་གྱི་ལས་ལ་གཞོལ་བ་ཡིན་ན་ནམ་ཞིག་དྲང་བདེན་བྱེད་པ་ལ་དཀའ་ཚེགས་གང་ཡང་མེད་ཐོག་དེ་ལ་དགའ་མོས་ཡང་ངང་གིས་ཡོང་རྒྱུར་ཐེ་ཚོམ་ཅི་ཡང་མེད། འདི་ནི་དྲང་བདེན་གྱི་ལན་ལ་དྲང་བདེན་དང་དེའི་འབྲས་བུ་ལ་ཡང་དྲང་བདེན་དང་བདེ་སྐྱིད་ཡོང་བ་དེ་ཡང་མྱོང་ཚོར་གྱིས་གྲུབ་པ་ཡིན། འགྲོས་དེ་ནི་བརྩེ་སེམས་དང་ཕན་སེམས་སོགས་ལ་ཡང་ཡོད། དེའི་ལན་ལ་དེ་རང་སྤྲད་འོང་བ་འདི་ནི་བདེ་སྡུག་ལ་འདོར་ལེན་བྱེད་པའི་སྐྱེ་བོ་རྣམས་ཀྱི་རང་གཤིས་རེད་ལ།
དེའི་འབྲས་བུ་ལ་དེ་རང་འབྱུང་བ་དང་གང་ལ་གོམས་པ་དེའི་ཕྱོགས་སུ་ངེས་པར་དུ་གཡོ་འགྲོ་བ་འདི་ནི་བསམ་བློའི་ཆོས་ཉིད་ཀྱང་རེད།།
བསམ་ངན་སྦྱོར་རྩུབ་གྱི་ལན་ལ་བསམ་ངན་སྦྱོར་རང་སླེབས་འོང་བ་དང་དེའི་འབྲས་བུ་ལ་ཡང་དེ་རང་འབྱུང་བའི་གནས་ལུགས་འདི་ལ་བརྟེན་ནས་ང་ཚོ་དུས་ནམ་ཡང་འཆམ་མཐུན་འོང་ཐབས་མེད་ལ་ང་ཚོའིིིསྤྱི་ཚོགས་ནང་བདེ་སྐྱིད་ཀྱི་གཞི་རྩ་ཡང་ཚུགས་ཐབས་མེད། དེའི་ལན་དང་འབྲས་བུ་ལ་དེ་རང་འབྱུང་བའི་དྲང་བདེན་སྤྱོད་བཟང་གི་ལམ་དུ་བསྙེག་པ་ཡིན་ན་གཏིང་ཟབ་ཀྱི་འཆམ་མཐུན་ལྡན་པའི་སྤྱི་ཚོགས་ཞིག་ཆགས་རྒྱུ་རེད་ལ་ངོམས་པ་མེད་པའི་བདེ་སྐྱིད་ཀྱི་དཔལ་ཡོན་ཡང་ཉིན་རེ་ནས་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་དུ་བཞད་འོང་བར་ངེས། དེའི་ཕྱིར་ང་ཚོ་ཚང་མས་ཉིན་རེའི་འཚོ་བའི་ནང་ཁ་ཞེ་གཉིས་མེད་ཀྱིས་འཇུག་ལྡོག་འདོད་པའི་ཚོར་བ་བདེ་སྡུག་གཉིས་ཀྱི་རྒྱུ་བསམ་པ་བཟང་ངན་གཉིས་ལ་འདོར་ལེན་བྱེད་ཐབས་གསལ་བར་སྟོན་པའི་ནང་དོན་ཀུན་སྤྱོད་རིག་པའི་སློབ་ཚན་དེ་དག་ང་ཚོས་མ་ཤེས་ན་ཐབས་མེད་རེད་ལ། ཤེས་དགོས་པ་དེ་ནི་གལ་ཆེན་ནང་གི་དོོན་ཆེན་ཡང་རེད། དེ་ནི་ནང་བསམ་བློའི་སྟེང་དུ་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་འབྱུང་བ་དེ་མྱོང་བས་གྲུབ་པའི་བསྐོར་གྱི་བསམ་ཚུལ་ཅུང་ཟད་བརྗོད་པ་ཡིན།
འཕྲོས་དོན་དང་པོ། རིགས་ཞེན་གྱི་ཚོར་བའི་བཟི་ཁ།
Wednesday, 14 September 2011
རྔ་ཡུལ་སྣང་ཞིག་དགོན་པས་ཡུལ་ཤུལ་རོགས་སྐྱོར།
རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོ་སྣང་ཞིག་དགོན་ཆེན་གྱིས་ཡུལ་ཤུལ་གནོད་ཐེབས་ས་ཁུལ་ལ་ཕྱེ་འབྲས་ནས་རྩམ་པ་མར་སོགས་རྒྱ་མ་ཁྲི་ཕྲག་མང་པོ་དང༌།འཇོག་ཐུགས་སོགས་ཀྱི་རིགས་དམངས་སྒོར་ཁྲི་ཕྲག་དགུ་ཙམ་གྱི་རོགས་རམ། དམངས་སྒོར་རྐྱང་བ་ཁྲི་ཕྲག་བཅུ་གཅིག་ལྷག་གིས་རོགས་རམ་བྱས་ཡོད་འདུག
བྱམས་བརྩེ་ཚོགས་པས་ཡུལ་ཤུལ་རོགས་སྐྱོར།
—— ཡང་ན་བྱམས་དང་སྙིང་རྗེའི་བསླངས་པའི་ཁ་བའི་ཁྲོད་དུ་རྡོ་སོལ་བསྐྱལ་བ་ཞེས་པའི་ལས་འགུལ་ཞིག
ཡུལ་ཤུལ་དུ་ས་འགུལ་བྱུང་བ་ནས་བཟུང་། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་མིག་གིས་ཡུལ་ཤུལ་མི་དམངས་ཀྱི་བདེ་སྡུག་ལ་དོ་ཁུར་བླ་ལྷག་བྱེད་ཀྱིན་ཡོད་ཅིང་། སྲིད་གཞུང་གི་རོགས་སྐྱོར་གྱིས་ཟུར་བརྒྱན་པའི་བྱམས་བརྩེ་ལྡན་པའི་མི་རིགས་སོ་སོ་དང་ཚོགས་པ་སོ་སོས་ཀྱང་རང་གི་ནུས་ཚོད་ཀྱི་ལྷག་བསམ་རྣམ་དག་གིས་རོགས་རམ་བྱེད་ཀྱིན་ཡོད་པ་རེད། བྱམས་བརྩེ་ཚོགས་པ་ཡང་ལྷག་བསམ་རྣམ་དག་གིས་རྨང་གདིང་བའི་ཚོགས་པ་དེའི་གྲས་གཅིག་ཡིན་ཅིང་། ད་ཐེངས་ནི་བྱམས་བརྩེ་ཚོགས་པ་ཡུལ་ཤུལ་ནས་ཉམས་རྒུད་ཐེབས་པའི་མི་སེར་ལ་རོགས་སྐྱོར་བྱེད་དུ་ཡོང་ཐེངས་བཞི་བ་ཡིན།
ཡུལ་དངོས་ཀྱི་ཟུར་ཞིག
སྤྱིར་བྱམས་དང་བརྩེ་བ་ནི་སངས་རྒྱས་ཆོས་ལུགས་པ་ཞིག་གི་ངོས་ནས་བཤད་ན་ཆེས་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བྱམས་དང་བརྩེ་བ་ཡོད་པས་ད་གཟོད་བོད་བརྒྱུད་ནང་བསྟན་གྱི་ཞི་བདེའི་ལྟ་དགོངས་ཆེན་པོ་ལ་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་གདེངས་འཇོག་མི་དམན་པ་ཐོབ་ཀྱིན་ཡོད་པ་རེད། ང་རང་ཤཱཀྱའི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས་བོད་བརྒྱུད་ནང་བསྟན་གྱི་བྱམས་བརྩེའི་སྙིང་སྟོབས་འཛིན་སྐྱོང་སྤེལ་གསུམ་གྱི་འོས་འགན་ལྕི་མོ་ཡོད་ལ། དེ་བཞིན་དུ། རང་ངོས་ནས་ཀྱང་ཡུལ་ཤུལ་གྱི་ས་ཡོམ་ཁྲོད་དུ་གནོད་སྐྱོན་ཐེབས་པའི་མི་སེར་དག་ལ་ནུས་པ་ཕྲ་མོ་ཞིག་འདོན་འདོད་ཀྱི་ཀུན་སློང་གཙང་མ་མེ་ལྕེ་བཞིན་འབར་གྱིན་ཡོད།
ཐེངས་འདིའི་ང་ཚོའི་ལས་བཟོ་བ་དག་གི་མཉམ་པར།
སྤྱིར་སངས་རྒྱས་བསྟན་པའི་དགེ་མཚན་དང་། སྒོས་སུ་ང་རང་གི་སློབ་བུ་ནང་ཆོས་ལ་དད་པ་བྱེད་མཁན་སྐོར་ཞིག་གི་རོགས་སྐྱོར་ལ་བསྟེན་ནས་ཐེངས་དང་པོར་སྒོར་ཁྲི་སྟོང་གཅིག་དང་གུར་སྟོང་གཅིག་གིས་རོགས་རམ་བྱས་ཡོད། ཐེངས་འདིའི་དམངས་ཁྲོད་ཀྱི་རོགས་སྐྱོར་མ་དངུལ་བསྡུ་མཁན་དང་གནང་མཁན་གཙོ་བོ་ནི། 《新周刊》杂志社社长孙冕 凤凰卫视执行台长刘春 ང་རང་གིས་བཙུགས་པའི་བྱམས་བརྩེ་ཚོགས་པ་གསུམ་ཡིན་ལ། སྒོར་2567524.49ཡིས་ཡུལ་ཤུལ་གྱི་དུད་ཁྱིམ་ཁྲི་གཉིས་ལྷག་ལ་རྡོ་སོལ་2280吨ཉོས་ཤིང་། (ཁྱིམ་ཚང་གཅིག་ལ་རྡོ་སོལ་ཁུག་མ་གསུམ་ནས་ལྔ་ཡི་བར་)དངུལ་སྒོར་རྐྱང་བ74000ཡི་རོགས་སྐྱོར་བྱས་ཡོད། ད་ཐེངས་སྒོར་གྱི་ཁ་གྲངས་ངོས་ནས་མི་སེར་དག་གི་ཡུན་རིང་གི་དཀའ་སྡུག་སེལ་མི་ཐུབ་ན་ཡང་། ཐེངས་འདིར་ནང་ལོག་ན་མིང་དུ་གྲགས་ཡོད་པའི་སྨྱན་བྱེད་གསར་འགྱུར་འདི་གཉིས་ཀྱི་གཙོས་ང་རང་གི་ཞིན་ལང་པོད་འཕྲིན་སོགས་བརྒྱུད་ནས་འཛམ་གླིང་གི་མི་ས་ཡ་མང་པོའི་སྤྱན་ལམ་དུ་བསྟར་ཡོད། ཐེངས་འདིའི་ཁྱབ་བསྒྲགས་ཀྱི་མཐུ་ལས་ད་དུང་ཡང་བྱམས་བརྩེ་ཅན་མང་པོས་རོགས་རམ་བྱ་རྩིས་ཡོད་ལ། ངེད་ཅག་གི་རྩ་འཛུགས་འདི་ཡང་མུ་མཐུད་ནས་ཁྱེད་ཅག་དང་ལྷན་དུ་དཀའ་སྡུག་གི་ཁུར་བོ་མཉམ་དུ་སེལ་རྒྱུའི་གདོང་གྲོགས་སུ་ཡོང་རྒྱུའི་འཆར་གཞི་ཟབ་མོ་ཡོད།
རྡོ་སོལ་བསྐྱལ་བཞིན་པའི་རྣམ་པ།
མཐར་ང་རང་ཤཱཀྱའི་དགེ་སློང་གི་ཞིག་གི་ངོས་ནས་ཡུལ་ཤུལ་གྱི་མི་སེར་རྣམས་ལ་ཞུ་འདོད་པ་ནི། ཆག་འཇིག་ནི་འགྲོ་བ་མིའི་རིགས་ཀྱི་སྟེང་ལ་ནམ་ཡོང་ཆ་མེད་ཀྱི་ཆོས་ཉིད་ཅིག་ཡིན་ལ། དེ་བཞིན་དུ། དཀའ་སྡུག་མཐའ་དག་བདེ་ལེགས་ངང་སེལ་ཐུབ་པ་ཡང་འགྲོ་བ་མིའི་རིགས་ཀྱི་ཆོས་ཉིད་ཀྱིས་གཏན་འཁེལ་བྱས་ཡོད་པ་རེད། དེ་ལྟ་ན་འུ་ཅག་གི་རྩྭ་ཐང་ལ་བདེ་སྐྱིད་ཀྱི་ཉི་འོད་འཕྲོ་ཞིང་། སློབ་གསོ་དང་རིག་གནས་ཀྱི་ཆར་ཆུ་དུས་ལྟར་འབབ་པའི་ཡིད་ཆེས་ཡོད་ལ་སྨོན་པ་ཡང་ཤུགས་ཆེན་པོ་འདེབས་ཀྱིན་ཡོད། ཞལ་དྲོ།
ཞེས་དགེ་མིང་འཛིན་པ་ཚུལ་ཁྲིམས་རྒྱ་མཚོས།

Tuesday, 30 August 2011
ཡུལ་ཤུལ་གནོད་ཐེབས་ལ་ཕུལ་བའི་རོགས་སྐྱོར་གྱི་སྒོར་མོ་གང་དུ་འདུག ཆུ་ཐིག་སྔོན་མོ།
ཡུལ་ཤུལ་གནོད་ཐེབས་ལ་ཕུལ་བའི་རོགས་སྐྱོར་གྱི་སྒོར་མོ་གང་དུ་འདུག
འདས་སོང་ལ་ཕྱིར་དྲན་བྱས་ན་དགོས་པ་མེད་ཅེས་སྨྲ་སྲིད་ཀྱང་འདི་ནི་རང་འགར་འཇོག་མི་ནུས་པའི་གནད་དོན་ཞིག་ཏུ་བཟུང་ནས་འདིར་ཅུང་ཙམ་འགོད་རྒྱུ་ཡིན།
ལོ་ཤས་གོང་གཞིས་བཞུགས་བོད་མིས་རང་སྲོག་བློས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་མཐར་བོད་མི་བརྒྱ་ཕྲག་དུ་མ་རྐྱེན་ལམ་དུ་བཏང་བས་འཛམ་གླིང་གང་ས་ནས་ཕྱི་སྡོད་བོད་མི་ཚོས་རང་ནུས་གང་ཡོད་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང་འདས་པོ་ཚོར་གདུང་སེམས་མཉམ་བསྐྱེད་བྱས་པ་རེད། དེ་དུས་བོད་མི་ཚོའི་སེམས་ཤུགས་མེ་ལྟར་འབར་བའི་སྐབས་ཡིན། སྐབས་དེར་གློ་བུར་དུ་ཡུལ་ཤུལ་ཕྱོགས་སུ་བསམ་ཡུལ་ལས་འདས་པའི་ས་ཡོམ་གྱི་འཇིག་པ་ཞིག་བྱུང་བ་དེས་བོད་མི་ཚོར་མིག་སྐྲང་ཐོག་ཏུ་ཁུ་ཚུར་ཞེས་པའི་དཔེ་ལྟར་གྱུར་པ་རེད། སྐབས་དེར་འཛམ་གླིང་གང་ས་ནས་རྒྱལ་ཁབ་སོ་སོ་དང་མི་སྒེར་སོ་སོས་རོགས་རམ་འདྲ་མིན་བྱས་པ་མ་ཟད་ཕྱི་སྡོད་བོད་མི་ཚོས་ཀྱང་རང་ངོས་ནས་འབྱོར་ཚོད་ཀྱིས་ཞལ་འདེབས་བསྡུ་རུབ་ས་གནས་གང་ས་ནས་བྱས་ཡོད། དེ་ནི་སྐབས་དེའི་ཡུལ་ཤུལ་བའི་ཤུལ་ལུས་ཚོ་སེམས་ཀྱིས་མ་བཟོད་པས་རེད། དེ་མིན་སྐབས་དེར་འདིར་བཞུགས་ཡུལ་ཤུལ་བ་ཚོས་ཀྱང་སྐྱོ་གདུང་དང་ལྷན་དུ་ཞལ་འདེབས་རེ་གནང་རོགས་ཞེས་སྐད་ངག་གཉོམ་པོས་སྤུན་ཟླ་ཚོར་ཞུ་འབོད་འཐེན་གྱི་འདུག་པ་ད་དུང་ང་ཚོའི་དྲན་ངོགས་ནས་ཡལ་དུ་མེད་པ་ཞིག་ཡིན། ང་ཚོས་ངོས་ནས་ཀྱང་ཡོད་ཚོད་ཀྱིས་ཞལ་འདེབས་སུ་ཉུང་ཤོས་